The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Khenpo Sodargye Long-Life Prayer—Tibetan

English | 中文 | བོད་ཡིག

༄༅། །ཞབས་བརྟན་གསོལ་འདེབས་དགེ་ལེགས་དཔལ་སྟེར་ཞེས་བྱ་བ་བཞུགས་སོ། །

 

ཨོཾ་སྭ་སྟི།

འཆི་མེད་ཚེ་དཔག་མེད་དང་རྣམ་རྒྱལ་མ ། །

ཡིད་བཞིན་འཁོར་ལོ་ཚེ་ཡུམ་ཙཎྜ་ལི། །

འཆི་མེད་ཚེ་ཡི་དབང་ཕྱུག་པད་འབྱུང་གིས། །

དེང་འདིར་འཆི་མེད་རྟག་པའི་བྱིན་ཆེན་ཕོབ། །

 

གདུལ་བྱའི་བསོད༵་ནམ༵ས་དཔལ་ལས་གྲུབ་པ་ཡི། །

གང་སྐུ་ཉི་འོད་འབར་བའི་གཟི་འོད་ཀྱིས། །

ཕན་བདེའི་པད་ཚལ་ད༵ར་ཞིང་རྒྱ༵ས་མཛད་པ།

མཚུངས་མེད་མཁས་པའི་དབང་པོ་རྟག་བཞུགས་གསོལ། །

 

རྒྱལ་བའི་བསྟན་པ་སྤྱི་དང་ཁྱད་པར་དུ། །

མཚུངས་མེད་རྔ་ཡབ་གླིང་པའི་བསྟན་པ་འདི། །

སྲིད་པའི་མཐར་ཡང་མི་ནུབ་རྒྱས་པའི་ཕྱིར། །

གང་ཁྱོད་བསྐལ་པ་རྒྱ་མཚོར་རྟག་བཞུགས་གསོལ། །

 

ཞེས་རིས་སུ་མ་ཆད་པའི་བསྟན་པའི་ཁུར་ཆེན་ལྷུར་བཞེས་མཁན་རིན་པོ་ཆེ་བསོད་ནམས་དར་རྒྱས་མཆོག་གི་ཞབས་བརྟན་གསོལ་འདེབས་དགེ་ལེགས་དཔལ་སྟེར་ཞེས་བྱ་བ་འདིའང་དམ་པ་དེ་ཉིད་ཀྱི་ཞལ་སློབ་རྣམས་ཀྱིས་རྟེན་བཅས་བསྐུལ་ངོར་རབ་བྱུང་བཅུ་བདུན་པའི་ཆུ་ཡོས་ཟླ་བ་༧པའི་ཚེས་༥བཟང་པོར་རྫོང་སར་འཇམ་དབྱངས་མཁྱེན་བརྩེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་གསོལ་བ་བཏབ་པ་དོན་དང་ལྡན་པར་གྱུར་ཅིག། །།

 

རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ།

མཁན་པོ་བསོད་དར་རྒྱས།

Further information:

BDRC Author Profiles: P623 P1PD76233

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept