Remainder Torma Offering—Tibetan
༄༅། །ཚིགས་བདུན་ཚོགས་མཆོད་ཀྱི་ལྷག་གཏོར་ནི།
ལྷག་གཏོར་ལ་བདུད་རྩི་བྲན་ཅིང༌།
ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས་ནས།
ཕེཾ་ཧཱུྃ། དཔལ་གྱི་བཀའ་ཉན་ཐ་ཚིག་ཅན། །
ལྷག་སྐྱོང་མགྲོན་རིགས་ཐམས་ཅད་ཀུན། །
འདིར་བྱོན་འདོད་ཡོན་ལྷག་གཏོར་བཞེས། །
དགྱེས་ཤིང་ཚིམས་པར་རོལ་ནས་ཀྱང༌། །
སངས་རྒྱས་བསྟན་དང་བསྟན་འཛིན་སྐྱོངས། །
རྣལ་འབྱོར་སྒྲུབ་པའི་བར་ཆད་སོལ། །
འདོད་དོན་བཅོལ་བའི་ཕྲིན་ལས་སྒྲུབས། །
དམ་ལས་མ་འདའ་ས་མ་ཡ། །
ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི། །
ཞེས་ཕྱི་རོལ་དུ་འབུལ་ལོ། །
ཞེས་མི་ཕམ་ཚིགས་བདུན་ཚོགས་མཆོད་ལ་སྦྱར་རྒྱུར་ས་སྐྱ་བདག་ཆེན་ཕུན་ཚོགས་ཕོ་བྲང་པའི་བཞེད་པ་བཞིན་ཛྙཱ་ནས་སོ།།