The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Prayer to Jamyang Khyentse Chökyi Lodrö—Tibetan

English | བོད་ཡིག

༄༅། །འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱི་གསོལ་འདེབས།

 

དུས་གསུམ་མཁྱེན་པ་ཨོ་རྒྱན་ཐོད་ཕྲེང་རྩལ། །

འཕོ་ཆེན་རྡོ་རྗེའི་སྐུར་བཞེངས་བི་མ་ལ། །

གངས་ཅན་བསྟན་པའི་ཤིང་རྟ་ཁྲི་སྲོང་རྗེ། །

རྣམ་གསུམ་སྒྱུ་འཕྲུལ་གཅིག་བསྡུས་མཁྱེན་བརྩེའི་དབང་། །

 

འཁོར་ལོའི་མགོན་པོ་ཆོས་ཀྱི་བློ་གྲོས་ལ། །

སྙིང་ནས་གུས་གདུང་དྲག་པོས་གསོལ་བ་འདེབས། །

རྟག་ཏུ་འབྲལ་མེད་བརྩེ་བས་རྗེས་སུ་བཟུང་སྟེ། །

ཐུགས་ཡིད་རོ་གཅིག་འདྲེས་པར་བྱིན་གྱིས་རློབས། །

 

ཞེས་པའང་གང་གི་འབངས་ཐ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྔར་གྱི་ཞབས་བརྟན་སྨོན་ཚིག་ཉིད་གསོལ་འདེབས་སུ་ཁ་བསྒྱུར་ཏེ་འཕྲུལ་སྤར་ཆོས་སྦྱིན་དུ་སྤེལ་བ་དགེ་ལེགས་སུ་གྱུར་ཅིག། །།

 

བདུད་འཇོམས་རིན་པོ་ཆེ།

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Further information:

BDRC Author Profiles: P736 P733

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept