Prayer for the Long Life of Dzogchen Rinpoche—Tibetan
༄༅། །རྫོགས་ཆེན་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས།
བསླུ་མེད་སྐྱབས་གནས་རྒྱ་མཚོའི་མཐུ་བྱིན་གྱིས། །
པདྨ་རིག་འཛིན་རྒྱལ་བའི་མྱུ་གུ་མཆོག །
འཇིགས་༵མེད་བློ་གསལ༵་གྲུབ་པའི་དབང༵་པོ་ཡི། །
ཞབས་པད་རྟག་བརྟན་མཛད་ཕྲིན་མཐར་རྒྱས་ཤོག །
ཅེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་འདུན་སྨོན་དུ་སྤེལ་བ་སིདྡྷི་རསྟུ།།