A Prayer—Tibetan
༄༅། །གསོལ་འདེབས་བཞུགས༔
ཨེ་མ་ཧོ༔
ཁྱབ་བདག་གདོད་མའི་མགོན་པོ་ཀུན་ཏུ་བཟང་༔
བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་སྣང་མཐའ་ཡས༔
ཐུགས་རྗེས་འགྲོ་འདུལ་དཔལ་ལྡན་པདྨ་སྐྱེས༔
ནམ་མཁའི་རྣལ་འབྱོར་བདུད་འཇོམས་དྲག་པོ་རྩལ༔
གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔
སྲིད་ལས་རྣམ་རྒྱལ་འབྲེལ་ཚད་དོན་ལྡན་ཞིང་༔
འཁོར་བ་དོང་སྤྲུགས་ནུས་པའི་དཔལ་ཐོབ་ཤོག༔
ཅེས་གསོལ་འདེབས་སྨོན་ལམ་འབྲེལ་བའི་རྐང་པ་བདུན། །སྐྱེས་མཆོག་ཚུལ་ཁྲིམས་རྒྱ་མཚོས་བསྐུལ་བའི་ངོར། །མི་རྒན་བདུད་འཇོམས་རྡོ་རྗེས་འཕྲལ་དུ་བྲིས༎ ༎