Prayer to Parṇaśavarī—Tibetan
༄༅། །ལོ་གྱོན་མའི་གསོལ་འདེབས་བཞུགས༔
རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན༔
རི་ཁྲོད་ལོ་མ་གྱོན་མའི་སྐུར་བཞེངས་ཤིག༔
བདག་ཅག་སྙིགས་མ་ལྔ་བདོའི་མི་རྣམས་ལ༔
ཐུགས་རྗེས་ཡལ་བར་མ་དོར་རྗེས་སུ་ཟུངས༔
ནད་རིམས་ཡམས་ནད་འགོ་བའི་ནད་སྡུག་བསྔལ༔
ཞི་བཟློག་གཞོམ་ཏུ་བསྲེག་པའི་ཕྲིན་ལས་མཛོད༔
ཨོཾ་པི་ཤ་རྩི་པརྣ་ཤ་བ་རི་སརྦ་ཛྭ་ལ་པྲ་ཤ་མ་ནི་སྭཱ་ཧཱ༔
ཞེས་པ་འདི་ཡང་བདུད་འཇོམས་རྡོ་རྗེས་སྨྲས་པའོ། །དགེའོ༎ ༎