Prayer to Padmasambhava—Tibetan
༄༅། །པདྨ་འབྱུང་གནས་ལ་གསོལ་འདེབས་བཞུགས༔
དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔
ཁྱབ་བདག་སྤྱི་དཔལ་པདྨ་འབྱུང་གནས་མཁྱེན༔
ཚེ་རབས་སྐྱེ་བའི་ཕྲེང་བ་ཐམས་ཅད་དུ༔
མགོན་པོ་ཁྱེད་ཀྱིས་རྗེས་སུ་འཛིན་གྱུར་ཅིག༔
བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔
གཏེར་སྟོན་པས་སོ༎ ༎