The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Praise of Sarasvatī—Tibetan

English | བོད་ཡིག

༄༅། །དབྱངས་ཅན་བསྟོད་པ་དྲི་ཟའི་རྒྱུད་མངས་བཞུགས།

རྒྱལ་ཀུན་མཁྱེན་པའི་ཆུ་གཏེར་ལས་འོང་བའི། །ཟླ་བ་ཉ་བའི་ཞལ་ཅན་ཚངས་སྲས་མོ། །ཁྱོད་སྐུ་དྲན་པའི་ཡིད་མཚོར་ཤར་ཙམ་གྱིས། །བློ་ཡི་མུན་པ་མ་ལུས་སངས་བར་མཛོད། །རབ་དཀར་ཀེ་ལ་ཤ་རིར་ཉི་འོད་ཀྱིས། །འཁྱིད་པའི་མདངས་ལྡན་དབྱངས་ཅན་དཔལ་མོའི་སྐུ། །རིན་ཆེན་དར་གྱི་འཕྱང་འཕྲུལ་གཡོ་བཞིན་དུ། །དེང་འདིར་བདག་གི་མདུན་ན་མངོན་སུམ་མཛོད། །བཻ་ཌཱུར་མཚོ་དབུས་པདྨའི་སྡོང་པོ་ལ། །རྣམ་བཀྲ་ཨུཏྤལ་འཁྱུད་ལྟའི་ལང་ཚོ་ཅན། །པང་ན་རྒྱུད་མང་སྒྲ་སྙན་འཁྲོལ་བཞིན་དུ། །འཇའ་འོད་གུར་ཁྱིམ་དབུས་ནས་ཞལ་བཟང་སྟོན། །རབ་མཛེས་བིམྤ་ལྟ་བུའི་མཆུ་སྒྲོས་ཤིང༌། །སྲབ་མཉེན་པདྨའི་འདབ་ལྟར་རིང་བའི་ལྗགས། །ཚེམ་དཀར་དུང་གི་མདངས་འོད་འཕྲོ་བཞིན་དུ། །མདོ་རྒྱུད་རྒྱ་མཚོའི་དོན་ཀུན་བདག་ལ་སྨྲོས། །ཤེས་བྱ་མ་ལུས་མཁྱེན་པའི་ཡེ་ཤེས་ཐུགས། །འགྲོ་བློའི་རྨོངས་པ་སེལ་བའི་འོད་དཀར་ཅན། །བདག་སྙིང་ཀུན་དའི་ཚལ་དུ་འཁྱུད་པ་དང་། །ཆབས་ཅིག་བློ་གྲོས་འདབ་སྟོང་རྒྱས་པར་མཛོད། །

མདོ་ཟླ་གསལ་དབང་མོ།

Sarasvatī

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept