Long-Life Prayer for Dzongsar Khyentse Rinpoche—Tibetan
༄༅། །ཞབས་བརྟན་གསོལ་འདེབས་འཆི་མེད་རྡོ་རྗེའི་དབྱངས་སྙན།
འཆི་མེད་ཡེ་ཤེས་རྡོ་རྗེའི་སྒྱུ་འཕྲུལ་གར། །
འཆི་མེད་ཕྱོགས་དུས་སྐྱབས་གནས་རྒྱ་མཚོ་ཡི། །
འཆི་མེད་ཚེ་དང་ཡེ་ཤེས་མཐུ་བྱིན་གྱིས། །
འཆི་མེད་རྡོ་རྗེའི་བདེན་ཚིག་འགྲུབ་གྱུར་ཅིག །
འཇ༵མ་དཔལ་དབྱང༵ས་སོགས་སྲས་བཅས་རྒྱལ་ཀུན་གྱི། །
མཁྱེན་བརྩེའི་ཡེ་ཤེས་རིས་མེད་ཐུབ༵་བསྟན༵་སྲོག །
ཟབ་རྒྱས་ཆོས༵་ཀྱི༵་ཤིང་རྟ་ཆེན་པོ་ཉིད། །
ཕྲིན་ལས་རྒྱ༵་མཚོའི༵་མཐར་ཁྱབ་ཞབས་བརྟན་གསོལ། །
གསན་བསམ་སྒོམ་པའི་ཡོན་ཏན་མཐའ་དག་རྫོགས། །
ཡོངས་རྫོགས་རྒྱལ་བསྟན་འཛིན་སྐྱོང་སྤེལ་མཛད་ཅིང་། །
མཐའ་ཀླས་གདུལ་བྱའི་རེ་བ་ཆོས་བཞིན་སྐོང་། །
འཛམ་གླིང་མཛེས་པའི་རྒྱན་དུ་རྟག་བཞུགས་གསོལ། །
ཅེས་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཚོ་སྐྱེས་རྒྱལ་བའི་གདུང་འཚོབ་པདྨ་གར་དབང་མདོ་སྔགས་གླིང་པའམ། ཡོངས་སུ་གྲགས་པའི་མིང་བཀྲ་ཤིས་དཔལ་འབྱོར་དུ་འབོད་པས་༧ས་སྐྱ་བདག་ཁྲི་རིན་པོ་ཆེའི་མཚན་གསོལ་དང་མཐུན་པར་ཞབས་བརྟན་དུ་དབང་ཆེན་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུར་སྐུ་ཚབ་ཡིད་བཞིན་ནོར་བུ་དངོས་གྲུབ་དཔལ་འབར་མདུན་གསོལ་སྨོན་རྩེ་གཅིག་པས་བྲིས་པ་བཞིན་འགྲུབ་པར་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །།