Siṃhamukhā Empowerment Extracts—Tibetan
༄༅། །རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་ལེའི་རྩ་གསུམ་སྤྱི་དང་བྱེ་བྲག་གི་དབང་བསྐུར་གྱི་ཕྲེང་བ་བཀླག་ཆོག་ཏུ་བཀོད་པ་ཟབ་གསང་བདུད་རྩིའི་སྒོ་འབྱེད་སྐལ་བཟང་ཀུན་དགའི་རོལ་སྟོན།
༈ ཡུམ་ཀ་བདེ་ཆེན་རྒྱལ་མོའི་གསང་སྒྲུབ་སེང་གེའི་གདོང་ཅན་གྱི་དབང་ཆོག་བྱིན་རླབས་ཆུན་པོ་བཀླག་ཆོག་ཏུ་བཀོད་པའི་ལེའུ་ཚན་བཅུ་གཅིག་པ།
སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །
རྡོ་རྗེ་སློབ་དཔོན་བདག་ལ་དགོངས། །
རིག་འཛིན་བླ་མའི་དཀྱིལ་འཁོར་དུ། །
འཇུག་ཅིང་སྨིན་པའི་བཀའ་དྲིན་སྩོལ། །
ཧོ༔ ཡིད་ཆོས་རྣམ་དག་ཀུན་བཟང་ཡབ་ཡུམ་ལ༔
སྣང་སྟོང་གཉིས་སུ་མེད་པར་སྐྱབས་སུ་མཆི༔
འགྲོ་ལ་དམིགས་པའི་སྙིང་རྗེ་ཆེན་པོ་དང༔
ཆོས་ཉིད་དེ་བཞིན་ཉིད་དུ་སེམས་བསྐྱེད་དོ༔
རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ།
དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔
མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ༔
གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི༔
དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔
དག་པའི་མཆོད་པ་བཞེས་སུ་གསོལ༔
དངོས་གྲུབ་ཆུ་བོ་གཅོད་པའི་གེགས༔
ཉེས་བྱས་མ་ལུས་བཤགས་པར་བགྱི༔
ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས༔
མ་ཆགས་སྤྱོད་ལ་རྗེས་ཡི་རང་༔
དག་པའི་མཐའ་བཞི་དྲི་མ་མེད༔
རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ༔
བདེ་གཤེགས་དབང་ཕྱུག་སེམས་ཅན་ལ༔
དགོས་པ་གསུམ་ཕྱིར་ལུས་འབུལ་ལོ༔
ཚེ་རབས་བགྲངས་པའི་ལས་རྣམས་ཀུན༔
བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ༔
བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །
དེ་འདྲ་ཁོ་ནར་བདག་གྱུར་ཅིག །
སྤྱོད་པ་རྨད་བྱུང་བསམ་ཡས་པ། །
འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །
བྱང་ཆུབ་སེམས་མཆོག་དམ་པ་དང༌། །
སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ནི། །
སྲོག་གི་ཕྱིར་ཡང་མི་གཏོང་ན། །
རྡོ་རྗེ་རྒྱལ་པོས་བྱིན་བརླབ་མཛོད། །
ཨོཾ་བཛྲ་སིང་ཧ་མུ་ཁ་ཧཱུྃ་ཧ་ཧེ་ཕཊ༔
ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿ
གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །
དེ་དག་ཐམས་ཅད་བདག་གིས་བགྱི། །
ཁྱེད་ལ་བདག་ཀྱང་ཡོངས་སུ་འབུལ། །
སློབ་མར་བཟུང་ནས་སྤྱད་དུ་གསོལ། །