Supplication to Noble Tārā—Tibetan
༄༅། །རྗེ་བཙུན་སྒྲོལ་མའི་གསོལ་འདེབས་བསྡུས་པ་བཞུགས།
ཨོཾ་རྗེ་བཙུན་སྒྲོལ་མ་ཐུགས་རྗེ་ཅན། །
སྐུ་མདོག་དཀར་མོ་འོད་འཕྲོ་མ། །
རབ་མཛེས་མདངས་ལྡན་ཡིད་འོང་མ། །
བདག་ནི་ནད་གདོན་དགྲ་གྱོད་དང་། །
འཁོར་བ་ངན་སོང་བར་དོ་སོགས། །
འཇིགས་པ་ཀུན་ལས་བསྐྱབ་ཏུ་གསོལ། །
ཚེ་རིང་ལུས་སེམས་བདེ་བ་དང་། །
བསམ་པའི་དོན་ཀུན་འགྲུབ་པ་དང་། །
ཟས་གོས་ལོངས་སྤྱོད་རྒྱས་གྱུར་ཏེ། །
རྟག་ཏུ་ཆོས་ལ་སྤྱོད་པར་ཤོག །
རྒྱལ་ཡུམ་སྒྲོལ་མའི་ཞལ་མཐོང་ནས། །
རྒྱལ་བའི་སྲས་སུ་བདག་གྱུར་ཅིག །
རྒྱལ་བའི་དགོངས་པ་རྟོགས་གྱུར་ཏེ། །
རྒྱལ་བ་རྣམས་དང་སྐལ་མཉམ་ཤོག །
ཅེས་པའང་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེས་སོ། །