The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Three-Name Prayer—Tibetan

English | བོད་ཡིག

༄༅། །མཆོག་གླིང་མཚན་གསུམ་ལྡན་གྱི་གསོལ་འདེབས།

 

པདྨའི་རྒྱལ་ཚབ་ཨོ་རྒྱན་མཆོག་གྱུར་གླིང་། །

བཀའ་གཏེར་བསྟན་པའི་མངའ་བདག་བདེ་ཆེན་གླིང་། །

རྫོགས་ཆེན་རང་སྣང་རིས་མེད་ཞིག་པོ་གླིང་། །

གཏེར་སྟོན་གཅིག་ལ་གླིང་པ་གསུམ་དུ་གྲགས། །

བཀའ་དྲིན་སུམ་ལྡན་ཞབས་ལ་གསོལ་བ་འདེབས། །

 

ངེས་འབྱུང་རྣལ་མར་རྒྱུད་ལ་སྐྱེ་བ་དང་། །

དཔལ་ལྡན་བླ་མའི་དམ་ཚིག་ལ་གནས་ཤོག །

བསྐྱེད་དང་རྫོགས་པའི་དྲོད་རྟགས་མྱུར་དུ་སྟོན། །

རང་རིག་རྫོགས་པ་ཆེན་པོ་མངོན་གྱུར་ནས། །

ཚེ་གཅིག་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས། །

 

ཀར་ཤོད་དཔལ་བྲོ་ཨརྨེ་ཡི། །
ཀརྨ་ནོར་བུས་ནན་ཆེད་དུ། །
བསྐུལ་ངོར་འཁྲུལ་ཞིག་དེ་ཡིས་སྤེལ། །

 

མཆོག་གྱུར་བདེ་ཆེན་གླིང་པ།

མཆོག་གྱུར་བདེ་ཆེན་གླིང་པ།

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept