A Prayer to the Guru of Uḍḍiyāna—Tibetan
༄༅། །ཨོ་རྒྱན་རིན་པོ་ཆེའི་གསོལ་འདེབས།
སངས་རྒྱས་ཀུན་འདུས་བླ་མ་རྗེ། །
དམ་ཆོས་ཀུན་འདུས་ཡི་དམ་གསུང་། །
མཁའ་འགྲོའི་ཚོགས་རྗེ་པདྨ་འབྱུང་། །
ཁྱེད་ལ་སྙིང་ནས་གསོལ་བ་འདེབས། །
ཕྱི་ནང་གསང་བའི་བར་ཆད་སོལ། །
མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །
ཅེས་བསམ་ཡས་ནས་མཆོག་གྱུར་གླིང་པས་སྤེལ་བ་དགེ །