The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Advice in Brief—Tibetan

English | བོད་ཡིག

༄༅། །ཞལ་གདམས་མདོར་བསྡུས་བཞུགས།

རྗེས་འཇུག་སྐལ་བཟང་རྣམས་ལ་བསྩལ་པའི་ཞལ་གདམས་བསླབ་བྱ་ཉམས་ལེན་གྱི་སྐོར་སྤང་བླང་མིག་འབྱེད་ཟབ་དོན་སྙིང་གི་བདུད་རྩི་ལས་བཀོལ་དུ་ཕྱུང་བའོ།།

སེམས་ལ་ལྟ་མཁན་གྱི་ཐོག་ཏུ་ཞོག་དང་། སྟོང་སང་ངེ་བའི་ངང་ནས། རྣམ་རྟོག་རང་ཤར་རང་གྲོལ་དུ་འགྲོ་བ་ལ་རྩིས་གདབ་མ་བྱེད། ས་སྐྱ་ཀུན་དགའ་སྙིང་པོ་ལ་འཇམ་དཔལ་གྱིས་གདམས་པ། ཚེ་འདི་ལ་ཞེན་ན་ཆོས་པ་མིན། །འཁོར་བ་ལ་ཞེན་ན་ངེས་འབྱུང་མིན། །བདག་དོན་ལ་ཞེན་ན་བྱང་སེམས་མིན། །འཛིན་པ་བྱུང་ན་ལྟ་བ་མིན། །ཞེས་གསུངས་ཤིང་། གྲུབ་ཐོབ་ཆེན་པོ་ཀརྨ་པཀྴིས། ལྷོད་རབ་ལ་བསྒོམ་རབ་འཆར། །ལྷོད་འབྲིང་ལ་བསྒོམ་འབྲིང་འཆར། །ལྷོད་ཐ་མ་ལ་བསྒོམ་ཐ་མ་འཆར། །ཞེས་གསུངས། ཨོ་རྒྱན་རིན་པོ་ཆེས་སྒོམ་ལ་མ་ཞེན་ཡང་ནས་ཡང་དུ་ཤིག མ་བཅོས་ངང་ལ་བཞག་པ་ཁྲེགས་གཅོད་ཡིན། ཞེས་གསུངས་པ་རྣམས་ཐུགས་ལ་ངེས་པར་ཞུ། པདྨ་ཐོད་ཕྲེང་རྩལ་གྱི་དངོས་སློབ་མཆོག་གྱུར་གླིང་པས་བྲིས།།

མཆོག་གྱུར་བདེ་ཆེན་གླིང་པ།

མཆོག་གྱུར་བདེ་ཆེན་གླིང་པ།

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept