The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Advice for the Faithful of Upper Trindu—Tibetan

English | བོད་ཡིག

༄༅། །འཁྲི་འདུ་སྟོད་ཀྱི་དད་ལྡན་ལ་གདམས་པ།

རྗེས་འཇུག་སྐལ་བཟང་རྣམས་ལ་བསྩལ་པའི་ཞལ་གདམས་བསླབ་བྱ་ཉམས་ལེན་གྱི་སྐོར་སྤང་བླང་མིག་འབྱེད་ཟབ་དོན་སྙིང་གི་བདུད་རྩི་ལས་བཀོལ་དུ་ཕྱུང་བའོ།།

དམ་ཆོས་སྒྲུབ་བོ་སྙམ་པའི་སྐལ་ལྡན་ཁྱོད། །མི་ལུས་ལན་གཅིག་ཐོབ་པ་ཆུད་མ་གསན། །ནམ་འཆི་ངེས་པ་མེད་ཕྱིར་བརྩོན་འགྲུས་རེམས། །ལས་འབྲས་བསླུ་བ་མེད་པས་བླང་དོར་འབུངས། །འཁོར་བ་སྡུག་བསྔལ་ཡིན་ཕྱིར་ཐར་འདོད་དགོས། །སྐྱབས་གནས་དཀོན་མཆོག་བཟང་ཕྱིར་བློ་གཏད་གྱིས། །ནོམ་པ་སེམས་བསྐྱེད་ཆེ་ཕྱིར་ནན་ཏན་གྱིས། །སྡིག་པས་སྡུག་བསྔལ་བསྐྱེད་ཕྱིར་བཤགས་སྡོམ་གྱིས། །ཚོགས་རྫོགས་སངས་རྒྱསཐོབ་ཕྱིར་མཆོད་སྦྱིན་གྱིས། །བྱིན་རླབས་འཇུག་ཕྱིར་བླ་མར་མོས་གུས་གྱིས། །དངོས་གྲུབ་ཐོབ་ཕྱིར་ཡི་དམ་བསྙེན་སྒྲུབ་གྱིས། །བར་ཆད་སེལ་ཕྱིར་མཁའ་འགྲོ་ཆོས་སྐྱོང་མཆོད། །དགེ་རྩ་འཕེལ་ཕྱིར་བསྔོ་བ་སྨོན་ལམ་གྱིས། །རང་སེམས་མི་དྲན་དགུ་དྲན་འཁྲུལ་སྣང་འདི། །སྔོན་བསུ་རྗེས་དཔྱོད་མ་བྱེད་རང་སར་ཞོག །གནས་འགྱུ་གདམས་དགའམ་བྱེད་གང་ཤར་ངོ་བོ་སྐྱོངས། །རྣམ་རྟོག་རྗེས་དེད་མ་བྱེད་ངོ་བོ་ལྟོས། །བལྟ་བྱ་མ་འཁྲུལ་ལྟ་མཁན་རང་ལ་ལྟོས། །བལྟས་པས་ངོ་བོ་མི་མཐོང་གཞི་རྩ་བྲལ། །དེ་ཚེ་ཡིན་ནམ་མིན་སྙམཐེ་ཚོམ་སྤོངས། །མདོར་ན་མ་ཡེངས་ངང་དུ་མི་བསྒོམ་པར། །འགྲོ་འདུག་སྤྱོད་ལམ་ཀུན་ཏུ་ཉམས་ལེན་སྐྱོངས། །དེ་སྐད་འཁྲི་འདུ་སྟོད་ཀྱི་དད་ལྡན་ངོར། །མཆོག་གྱུར་གླིང་པས་ཞལ་བཀོད་ཕེབས་པ་བཞིན། །ཡི་གེའི་འདུ་བྱེད་མགྲོན་མིང་རྒན་པོས་བྲིས། །

མཆོག་གྱུར་བདེ་ཆེན་གླིང་པ།

མཆོག་གྱུར་བདེ་ཆེན་གླིང་པ།

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept