Advice for the Mantra-Holder Sang-Ngak—Tibetan
༄༅། །སྔགས་འཆང་གསང་སྔགས་ལ་གདམས་པ།
རྗེས་འཇུག་སྐལ་བཟང་རྣམས་ལ་བསྩལ་པའི་ཞལ་གདམས་བསླབ་བྱ་ཉམས་ལེན་གྱི་སྐོར་སྤང་བླང་མིག་འབྱེད་ཟབ་དོན་སྙིང་གི་བདུད་རྩི་ལས་བཀོལ་དུ་ཕྱུང་བའོ།།
དང་པོ་མི་རྟག་པ་ནི་ནན་ཆེར་བསྒོམ། །
དེ་ནས་བླ་མ་རྣམས་ལ་གསོལ་བ་ཐོབ། །
དངོས་གཞི་རང་སེམས་སྟོང་ཉིད་ངང་ལ་ཞོག །
རྗེས་སུ་བསྔོ་བ་སྨོན་ལམ་བཟང་པོ་གྱིས། །
སྔགས་འཆང་གསང་སྔགས་ཀྱིས་བསྐུལ་ངོར་མཆོག་གྱུར་གླིང་པས་བྲིས། །