The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Prayer to Mañjuśrī—Tibetan

English | བོད་ཡིག

༄༅། །འཇམ་དཔལ་གསོལ་འདེབས་བཞུགས༔

 

ཨེ་མ་ཧོ༔

སྤྲོས་བྲལ་དོན་གྱི་འོག་མིན་ན༔

ཆོས་སྐུའི་སྟོན་པ་ཀུན་བཟང་ལ༔

གསོལ་བ་འདེབས་སོ་བྱིན་གྱིས་རློབས༔

མཁྱེན་རབ་ཐོགས་མེད་དངོས་གྲུབ་རྩོལ༔

 

འགགས་མེད་ལྔ་ལྡན་ཆེན་པོའི་ཞིང་༔

ལོངས་སྐུའི་སྟོན་པ་རིགས་ལྔ་ལ༔

གསོལ་བ་འདེབས་སོ་བྱིན་གྱིས་རློབས༔

མཁྱེན་རབ་ཐོགས་མེད་དངོས་གྲུབ་རྩོལ༔

 

ཤར་ཕྱོགས་རི་བོ་རྩེ་ལྔའི་གནས༔

སྤྲུལ་སྐུ་འཇམ་དཔལ་རིགས་ལྔ་ལ༔

གསོལ་བ་འདེབས་སོ་བྱིན་གྱིས་རློབས༔

མཁྱེན་རབ་ཐོགས་མེད་དངོས་གྲུབ་རྩོལ༔

 

དགའ་རབ་ཤྲི་སེང་བཤེས་གཉེན་དང་༔

ཛྙཱ་ན་སཱུ་དྲ་བི་མ་ལར༔

གསོལ་བ་འདེབས་སོ་བྱིན་གྱིས་རློབས༔

མཁྱེན་རབ་ཐོགས་མེད་དངོས་གྲུབ་རྩོལ༔

 

བརྫུས་སྐྱེས་སློབ་དཔོན་སཾ་བྷ་ཝ༔

མཚོ་རྒྱལ་རྗེ་འབངས་རིག་འཛིན་ལ༔

གསོལ་བ་འདེབས་སོ་བྱིན་གྱིས་རློབས༔

མཁྱེན་རབ་ཐོགས་མེད་དངོས་གྲུབ་རྩོལ༔

 

ལྷ་སྲས་ཆེན་པོ་ཕྲིན་ལས་གླིང་༔

བརྒྱུད་གསུམ་རིག་འཛིན་བླ་མ་ལ༔

གསོལ་བ་འདེབས་སོ་བྱིན་གྱིས་རློབས༔

མཁྱེན་རབ་ཐོགས་མེད་དངོས་གྲུབ་རྩོལ༔

 

རྩ་གསུམ་ལྷ་ཚོགས་ཐམས་ཅད་ལ༔

གུས་པས་གསོལ་བཏབ་མཐུ་བྱིན་གྱིས༔

ཆོས་ཀྱི་མཐུན་རྐྱེན་ཡིད་བཞིན་འགྲུབ༔

འགལ་རྐྱེན་བར་ཆད་མ་ལུས་སེལ༔

 

མཆོག་དང་ཐུན་མོང་དངོས་གྲུབ་རྣམས༔

ཚེ་འདིར་ཐོབ་ནས་འབད་མེད་དུ༔

ས་ལམ་ཡོན་ཏན་མཐའ་རུ་ཕྱིན༔

རྡོ་རྗེ་འཆང་དབང་བླ་མ་དང་༔

དབྱེར་མེད་མགོན་པོ་འཇམ་དཔལ་དབྱངས༔

གོ་འཕང་བདེ་བླག་ཐོབ་པར་ཤོག༔

 

དེ་ལྟར་གུས་པས་གསོལ་བཏབ་ན༔ བྱིན་རླབས་འཇུག་པར་ཐེ་ཚོམས་མེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

 

ཅེས་གྲུབ་ཐོབ་ཆེན་པོ་རིག་འཛིན་དབང་པོའི་ངོར། ཆོས་དབྱིངས་རྡོ་རྗེས་བྲིས་པ་མངྒ་ལཾ༎ ༎

 

ཨ་པཾ་གཏེར་སྟོན།

འཇམ་དཔལ།

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept