Prayer to Chöying Dorje—Tibetan
༄༅། །ཆོས་དབྱིངས་རྡོ་རྗེའི་གསོལ་འདེབས་བཞུགས༔
རྒྱལ་བ་ཀུན་དངོས་ཨོ་རྒྱན་པདྨ་འབྱུང་༔
གྲུབ་པའི་དབང་ཕྱུག་ཐང་སྟོང་ལྕགས་ཟམ་པ༔
དབྱེར་མེད་གསང་བདག་ཆོས་དབྱིངས་རྡོ་རྗེ་ལ༔
གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ༔
སེམས་ཀྱི་རང་བཞིན་འོད་གསལ་མངོན་དུ་གྱུར༔
འཁྲུལ་སྣང་ཆོས་ཀུན་རྨི་ལམ་ལྟ་བུར་རྟོགས༔
ཁྲེགས་ཆོད་ཐོད་རྒལ་དགོངས་པ་མཐའ་རུ་ཕྱིན༔
དོན་གཉིས་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔
ཅེས་པའང་བྱ་བྲལ་བ་བྱང་ཆུབ་རྡོ་རྗེའི་བསྐུལ་ངོར་དཔའ་བོ་ཆོས་དབྱིངས་རྡོ་རྗེས་བྲིས་པའོ། །དགེའོ༎ ༎