The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Calling the Lama from Afar—Tibetan

English | བོད་ཡིག

༁ྃ༔ བླ་མ་རྒྱང་འབོད་བཞུགས༔

 

ཀྱཻ༔  དབྱིངས་བདེ་བ་ཆེན་པོའི་ཕོ་བྲང་ནས༔

དཔལ་ཆོས་སྐུ་སྣང་བ་མཐའ་ཡས་མཁྱེན༔

གཞི་ཀ་དག་ལྷུན་གྲུབ་རང་ཞལ་སྟོན༔

རྗེ་དྲིན་ཅན་བླ་མའི་ཐུགས་རྒྱུད་བསྐུལ༔

བདག་ཟག་ཕུང་འཇའ་སྐུར་གྲོལ་བར་ཤོག༔

 

འོད་ལྔ་དང་ཡེ་ཤེས་འདྲེས་པའི་རྩལ༔

ལྷ་ལོངས་སྐུ་སྤྱན་རས་གཟིགས་དབང་མཁྱེན༔

རྩལ་རིག་པ་ཡེ་ཤེས་འཁོར་ལོས་སྒྱུར༔

རྗེ་བླ་མའི་ཐུགས་ཀྱི་དགོངས་པ་སྤོར༔

བདག་ཕུང་ཁམས་ལྷ་སྐུར་དག་པར་ཤོག༔

 

གནས་གང་འདུལ་སྤྲུལ་པ་དཔལ་རིའི་ཞིང༔

མགོན་རྒྱལ་དབང་ཨོ་རྒྱན་པདྨ་མཁྱེན༔

ཆོས་གང་ཤར་སྣང་བ་བདེན་མེད་རྟོགས༔

རྗེ་བླ་མའི་གསང་གསུམ་དབྱེར་མེད་གྱུར༔

གཞི་འཁོར་འདས་དག་མཉམ་བྱིན་གྱིས་རློབས༔

 

དུས་གསུམ་གྱི་རྒྱལ་བའི་ཡེ་ཤེས་དངོས༔

གྲུབ་རིགས་ཀྱི་རྒྱལ་པོ་ཐང་སྟོང་མཁྱེན༔

གང་ཤར་གྱི་ཞེན་འཛིན་ཐད་ཀར་གྲོལ༔

རྗེ་བླ་མའི་གྲུབ་རྟགས་མངོན་དུ་གྱུར༔

འགྲོ་ཁམས་ཀྱི་སྣང་བ་དབང་སྡུད་ཤོག༔

 

སྙིགས་མ་ལྔའི་སེམས་ཅན་ཐུགས་ཀྱིས་བཟུང༔

འགྲོ་འདྲེན་མཆོག་ཕྲིན་ལས་གླིང་པ་མཁྱེན༔

ཐབས་མཁས་ཀྱི་སྤྱོད་པས་སྣང་སེམས་སྡུད༔

བདག་ལོག་རྟོག་འཁྲུལ་སྣང་བ་བདེན་མེད་ཞིག༔

གཞིར་རང་བྱུང་འོད་གསལ་མངོན་གྱུར་ཤོག༔

 

དུས་སྙིགས་མ་ལྔ་ཡི་མར་གཤམ་འདིར༔

སྐྱབས་བྲལ་གྱི་ལོང་བ་བཤེས་མེད་བདག༔

མགོན་ཁྱོད་ཀྱི་ཐུགས་ཀྱི་འདོར་ཕོད་དམ༔

ཞལ་བཞེས་ཀྱི་དམ་བཅའ་གནད་ནས་བསྐུལ༔

 

བདག་སྒོ་གསུམ་ཞེན་པ་བཙན་ཐབས་ཆོད༔

སྣང་བ་ལ་སྒྱུ་མའི་རྒྱ་ཡིས་ཐེབ༔

འཛིན་པ་ནི་གཞི་མེད་འོད་གསལ་ངང༔

རང་བྱུང་གི་ཀུན་བཟང་དགོངས་པར་ཡང༔

ཚེ་འདི་རུ་གྲོལ་བར་བྱིན་གྱིས་རློབས༔

 

ཕྱི་ནང་གི་བར་ཆད་མ་ལུས་ཞི༔

ཉམས་རྟོགས་ཀྱི་ཡོན་ཏན་ཡར་ཟླ་བཞིན༔

ས་ལམ་ཀུན་མིག་འཕྲུལ་ལྟ་བུར་བསྒྲོད༔

འགྲོ་དོན་དུ་བྱང་ཆུབ་མྱུར་ཐོབ་ཤོག༔

 

ཨེ་ཁྱབ་བདག་གདོད་མའི་མགོན་པོ་དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ་མཁྱེན་ནོ༔

 

ཞེས་ལན་གསུམ་བརྗོད་པའི་ཐུགས་ཡིད་དབྱེར་མེད་བསྲེ༔  དེ་མཐུས་བྱིན་རླབས་མྱུར་དུ་འཇུག་གོ༔

ས་མ་ཡཱ༔  རྒྱ་རྒྱ་རྒྱ༔  གཏེར་རྒྱ༔  སྦས་རྒྱ༔

 

ཞེས་ཨོ་རྒྱན་ཕྲིན་ལས་གླིང་པས་སོ། །

 

ཨ་པཾ་གཏེར་སྟོན།

ཐང་སྟོང་རྒྱལ་པོ།

Further information:

BDRC Author Profiles: P6489 P2778

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept